ཀྲུང་གོ་བོད་ཀྱི་དྲ་བ།

བོད་འབྲེལ་གསར་འགྱུར།དེ་ལས་མང་།

བརྙན་ལམ་གསར་འགྱུར།དེ་ལས་མང་།

རྒྱལ་ནང་གསར་འགྱུར།དེ་ལས་མང་།

  • ཝང་ཧུའུ་ཉིང་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་རྟོག་ཞིབ་གྲོས་མོལ་བཞུགས་མོལ་ཚོགས་འདུར་ཞུགས།

    ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་རྟོག་ཞིབ་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཚེས18ཉིན་པེ་ཅིན་དུ་འཚོགས་པ་དང་། དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་སྤེལ་བའི་འབྲེལ་ཡོད་གཙོ་གནད་རྟོག་ཞིབ་དང་རྟོག་ཞིབ་གྲུབ་འབྲས་ལ་གྲོས་མོལ་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།

རྒྱལ་སྤྱིའི་གསར་འགྱུར།དེ་ལས་མང་།

  • ཧིན་རྡུ་ཉི་ཞི་ཡའི་ཡ་ཝན་ལྕགས་ལམ་དངོས་སུ་ཤར་གཏོང་བྱས་ནས་ཟླ8ལ་གཉེར་སྐྱོང་བྱས་པ།

    ཟླ6པའི་ཚེས17ཉིན་ནི་ཧིན་རྡུ་ཉི་ཞི་ཡའི་ཡ་ཝན་ལྕགས་ལམ་དངོས་སུ་ཤར་གཏོང་བྱས་ནས་ཟླ8ལ་གཉེར་སྐྱོང་བྱས་པའི་ཉིན་མོ་རེད། ཧིན་རྡུ་ཉི་ཞི་ཡའི་ཀྲུང་གོའི་མཐོ་རིམ་ལྕགས་ལམ་ཚད་ཡོད་ཀུང་ཟིས་བསྒྲགས་པའི་གཞི་གྲངས་ལྟར་ན། ཟླ6པའི་ཚེས16ཉིན་བར་ཡ་ཝན་ལྕགས་ལམ་སྟེང་ཁྱོན་བསྡོམས་འགྲུལ་བ་ཁྲི354ལྷག་སྐྱེལ་འདྲེན་བྱས་ཤིང་། མེ་འཁོར་གཏོང་ཐེངས9936ལ་སླེབས་པ་རེད།