ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན།དེ་ལས་མང་།

  • ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་པ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ཞིང་ཆེན་དུ་རྟོག་ཞིབ་མཛད། ཁོང་སྔ་རྗེས་སུ་ཟི་ལིང་གྲོང་ཁྱེར་གྱི་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་དང་ཙོང་ཁ་དགོན་དུ་ཕེབས་ནས། ཡུལ་དངོས་སུ་སློབ་གསོའི་ལས་དོན་གྱི་ཤར་ནུབ་མཐུན་སྦྱོར་དང་ཁ་གཏད་རོགས་སྐྱོར། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སློབ་གསོར་ཤུགས་སྣོན་དང་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་། །

  • ལྷུན་གྲུབ་ཀྱིས་གསེར་དངུལ་བརྐོས་རིས་ལག་རྩལ་རྒྱུན་འཛིན་བྱས་པ།

    ལོ12ནས་ལོ42བར་ཁོ་ལ་མཚོན་ན་ནན་ནན་ཏུག་ཏུག་གིས་བྱ་བ་གཅིག་སྒྲུབ་པ་དང་། དེ་ནི་གསེར་དངུལ་བརྐོས་རིས་ཀྱི་ལག་རྩལ་སློབ་སྦྱོང་དང་རྒྱུན་འཛིན་བྱས་པ་དེ་རེད། ལོ་ངོ་བཅུ་ཕྲག་གི་བརྐོས་རིས་བྱེད་པའི་དུས་ཚོད་ནང་། ཁོས་དཀའ་ཁག་ཁྱད་དུ་བསད་དེ་ཐོག་མའི་བསམ་འདུན་སྲུང་ཡོད་པ་མ་ཟད། ཁྱད་དུ་འཕགས་པའི་ལག་རྩལ་ལ་བརྟེན་ནས་མི་དེ་བས་མང་བ་ཞིག་ལ་གསེར་དངུལ་བརྐོས་རིས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ངོས་འཛིན་བྱེད་དུ་བཅུག ཁོ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་རྣམ་གྲངས་རེབ་གོང་སྒྱུ་རྩལ་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ལྷུན་གྲུབ་རེད།

བོད་ལྗོངས།དེ་ལས་མང་།

  • བོད་ལྗོངས་སུ་རི་སྐྱེས་སྲོག་ཆགས་གཙོད་ཀྱིས་ཕྲུ་གུ་བཙའ་བའི་དུས་ལ་སླེབས་པ།

    ཉེ་ཆར། ཞིན་ཧྭ་དྲ་བའི་གསར་འགོད་པས་བོད་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་མངའ་ཁོངས་ཀྱི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་སྨད་པ་ཤང་ལུག་ཁྱུ་ཐང་རྩྭ་ཐང་དུ་ཐེངས་མང་པོར་སྐྱེས་མ་ཐག་གི་གཙོད་ཕྲུག་པར་ལེན་ཐུབ་པ་བྱུང་། རྒྱུས་ལོན་ལྟར་ན། ལོ་རེའི་གཙོད་ཕྲུག་བཙའ་བའི་དུས་ཚིགས་དངོས་སུ་མགོ་བརྩམས་པ་རེད།

ཟི་ཁྲོན།དེ་ལས་མང་།

ཀན་སུའུ།དེ་ལས་མང་།

  • དགོ་སྐྱའི་ཁྱུ་ཚོགས་ཀན་སུའུ་སུའུ་པེ་ཚྭ་རྫིང་ཁུགས་སུ་མངོན་པ།

    ཉེ་ཆར། དགོ་སྐྱའི་ཁྱུ་ཚོགས་ཀན་སུའུ་ཚྭ་རྫིང་ཁུགས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་མངོན་པ་དང་། སྲུང་སྐྱོང་ཁུལ་དེ་ནི་ཀན་སུའུ་ཅིའུ་ཆོན་གྲོང་ཁྱེར་སུའུ་པེ་སོག་རིགས་རང་སྐྱོང་རྫོང་གི་ཤར་ལྷོ་རྒྱུད་དུ་གནས་ཤིང་མདོ་ལ་རི་བོའི་ནུབ་རྒྱུད་དང་མདོ་དབུས་མཐོ་སྒང་བྱང་རྒྱུད་དུ་ཡོད།

ཡུན་ནན།དེ་ལས་མང་།